Friday, May 5, 2017
ཆགས་སེམས་ སེམས་ཀྱི་ནད་གཞི།
དགུང་སར་ཁྲི་གདུགས་ཤརཝ་ད།། མེ་ཏོག་པད་མ་རྒྱས་མས།། གནམ་ཁར་འབྲུག་འདི་ལྡིརཝ་ད།། རྨ་བྱ་དགའ་འདི་གར་ཁྲབ།། སོ་ཁ་དུས་ལུ་འབབ་ད།། ཁུ་བྱུག་ལས་ཀྱིས་གླུ་ལེན།། ཁྲོམ་ཆེན་ཐིམ་ཕུ་ལུང་པ།། དུས་བསྟུན་སྨད་ཆུང་མཐོངམ་ད།། སྟག་ཤར་གནས་སར་མ་ཆགས།། མ་དག་འཁོར་བ་འདི་ནང་།། ལས་ངན་དབང་གིས་རང་འདི།། བད་ཀན་ནད་ཀྱིས་འཛིན་ཏེ།། གཙོ་བསྟེན་སྨན་ཁང་ནང་ལུ།། སྨོན་བཅོས་འབད་བར་སོང་ཡི།། སྨང་ཁང་འདི་ནང་ལྷོདཔ་ད།། སྨན་ལྷ་དྲུང་མཚོ་མཆོག་གིས།། ནད་གཞི་བརྟག་དཔྱད་དོན་ལུ།། གློག་པར་བཏབ་སར་གཏང་ཡི།། བུ་ང་དེ་ནང་ལྷོདཔ་ཅིན།། ཨ་རྟག་མིག་གིས་རྒྱང་རིང་།། བལྟ་ནི་དཀའ་ངལ་ཡོད་རུང་།། དེ་ཚེ་མངོན་པར་མཐོང་ཡི།། དེ་ཡང་འབྲེལ་སྟེགས་ནང་ན།། མཚོན་མོ་གནམ་ཁའི་སྦུག་ལུ།། སེར་ཁའི་དཀར་གསལ་བཟུམ་འབད།། གསལ་བ་དྲི་མ་མེད་པའི།། སྨན་གཡོགམོ་ཤེས་ལྕམ་སྒྲོལ་མ།། རས་དཀར་གདོང་དཀར་ཨོམ་བཟུམ།། སྟག་ཤར་ང་གིས་མཐོང་ཅི།། ལེན་ཅིག་ངེས་ཀྱི་སེམས་ཁར།། བུ་ང་ཚེ་རིང་ཕུན་ཚོགས།། མོ་འདི་རྟ་མགྲིན་བུ་དར།། སྤང་གཤོང་བདེ་མི་ནང་ལུ།། ངེའི་ལགཔ་མོ་གི་སྐེད་པ།། མོའི་ལགཔ་ངེས་ཀྱི་དཔུངམ་ན། མགུ་གཉིས་གཅིག་ཁར་མཐུད་དེ།། ངེའི་སྐད་ཨྱོན་པན་དྲེ།། མོའི་སྐད་པད་མ་བདེ་སྐྱིད།། རྟ་མགྲིན་བཟོ་བའི་སྙན་ཆ།། གུ་ལུ་བརྩེ་བའི་ཞབས་ཁྲ།། མཐོན་འདི་སྡོད་པའི་སྣང་བ།། སེམས་ཁར་ཧང་ཧང་ཤར་ཡི།། ཨིན་རུང་སེམས་ཀྱི་དྲན་ཤེས།། བསིལ་བའི་ཆུ་གིས་བཀུག་སྟེ།། རང་འདི་སྨན་ཁང་ནང་ལུ།། སྨོན་བཅོས་དོན་ལུ་འོངམ་ཨིནམ།། མནོ་ཏེ་བུམོ་འདི་མཐོངམ་ད།། མི་གཙང་སེམས་ཁར་བསྒོམ་འདི།། ཆགས་སེམས་ལེན་ཅིག་སྤང་ཡི།། རྫོགས་སོ།།
Subscribe to:
Post Comments (Atom)
No comments:
Post a Comment